ཧྭ་ཝེའི་ཁ་པར་རྩེ་བའི་ལག་རྩལ་དང་སྒེར་གསང་སྐོར་གྱི་གསང་བའི་གསལ་བསྒྲགས།

གསར་སྒྱུར་གྱི་ཚེས་གྲངས། 2022 ལོའི་ཟླ་ 09 ཚེས་ 25 ཉིན།

ཧྭ་ཝེའི་ཁ་པར་རྩེ་བའི་ལག་རྩལ་གྱི་ལས་སྒོ་ནི་ཧྭ་ཝེ་མཐའ་སྣེ་ཚད་ཡོད་ཀུང་སི་ (གཤམ་ནས་བསྡུས་ཏེ་ང་ཚོའམ་ཧྭ་ཝེ་ཞེས་འབོད།) ཡིས་ཁྱེད་ལ་ཧྭ་ཝེའི་ཐོན་རྫས་ཀྱི་འབུར་ཐོན་རྩོལ་ནུས་ངོ་སྤྲོད་དང་བེད་སྤྱོད་ཕྱོགས་སྟོན་མཁོ་འདོན་བྱེད་པའི་ཉེར་སྤྱོད་ཡིན། ཧྭ་ཝེ་ཡིས་ཁྱེད་མི་སྒེར་གྱི་ཆ་འཕྲིན་དང་སྒེར་གསང་ལ་སྲུང་སྐྱོབ་བྱ་རྒྱུར་ཧ་ཅང་མཐོང་ཆེན་བྱེད། ང་ཚོས་བཅའ་ཁྲིམས་ཀྱི་རེ་བ་དང་ལས་རིགས་ཀྱི་གནད་སྨིན་འཐུས་ཚང་གི་བདེ་འཇགས་ཚད་གཞི་གཞིར་བཟུང་ནས། ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་ལ་དེ་ལྟོས་ཀྱི་བདེ་འཇགས་སྲུང་སྐྱོབ་བྱེད་ཐབས་མཁོ་འདོན་བྱ་སྲིད།

པར་གཞི་འགྱུར་བའི་གསལ་བཤད།

ཁྱེད་ཀྱིས་ཐེངས་འདིའི་གསང་བའི་གསལ་བསྒྲགས་ཀྱི་གསར་སྒྱུར་གྱི་ནང་དོན་ཞིབ་ཏུ་ཀློག་རོགས།

འབྲེལ་ཡོད་བཅའ་ཁྲིམས་ཀྱི་བླང་བྱར་གཞིགས་ནས། ཁྱེད་ལ་ནང་དོན་ཐེར་འདོན་གྱི་ཞབས་ཞུ་མཁོ་འདོན་བྱེད།

གལ་ཆེའི་དྲན་སྐུལ།

ཁྱེད་ཀྱིས་ཧྭ་ཝེའི་ཐོ་ཨང་ཐོ་འཇུག་བྱས་པ་མ་ཟད་རིག་ལྡན་ལག་རོགས་ཀྱི་ཁ་ཕྱེས་རྗེས། ང་ཚོས་ཧྭ་ཝེའི་ཐོ་ཨང་དང་འབྲེལ་མཐུད་བྱས་པའི་སྒྲིག་ཆས་བཀོལ་སྤྱོད་ཀྱི་མཛུབ་སྟོན་མངོན་པར་བསྟན་ཏེ། ཁྱེད་ཀྱིས་མིག་བཤར་བྱ་བདེ་བར་བྱེད།

ང་ཚོས་ཁྱེད་ལ་རྒྱུད་ཁོངས་དང་སྒྲིག་ཆས་ཀྱི་འབུར་ཐོན་རྩོལ་ནུས་ངོ་སྤྲོད་མཉམ་གཏོང་བྱེད་པ་མ་ཟད། ཁྱེད་ལ་སྒྲིག་ཆས་བཀོལ་སྤྱོད་མཛུབ་སྟོན་གྱི་ཞབས་ཞུ་མཁོ་འདོན་བྱེད་སྲིད།

ཉེར་སྤྱོད་འདིས་སྒྲིག་ཆས་ལ་གློག་གསོག་པ་མ་ཟད་ WLAN ལ་འབྲེལ་མཐུད་བྱེད་སྐབས། སྟེགས་རྒྱབ་ནས་དྲ་སྦྲེལ་ནས་ཁ་པར་རྩེ་བའི་ལག་རྩལ་གྱི་ནང་དོན་གསར་སྒྱུར་བྱེད་ལ། ཉེར་སྤྱོད་ཀྱི་རིས་རྟགས་ཐོག་གི་ཨང་ཀིའི་དྲན་སྐུལ་ནང་དོན་བརྒྱུད་ནས་གསར་སྒྱུར་བྱ་སྲིད།

ཁྱེད་ཀྱིས་ཅོག་ངོས་སྟེང་ཞབས་ཞུའི་བྱང་བུ་ཁ་སྣོན་བྱས་པ་བརྒྱུད་ནས་སྟབས་བདེའི་ངང་ཐོན་རྫས་ཀྱི་འབུར་ཐོན་རྩོལ་ནུས་ལ་རྒྱུས་ལོན་བྱ་ཐུབ། ཉེར་སྤྱོད་འདིས་སྟེགས་རྒྱབ་ནས་དྲ་ཐོག་གི་ནང་དོན་གསར་སྒྱུར་བྱེད་པ་མ་ཟད། འགུལ་རྣམ་གྱིས་བྱང་བུའི་ནང་དོན་གསར་འདོན་བྱ་སྲིད། སྟེགས་རྒྱབ་གསར་སྒྱུར་དེ་སྒྲིག་ཆས་ WLAN ལ་འབྲེལ་མཐུད་བྱེད་སྐབས་ཁོ་ནར་འཁོར་སྐྱོད་བྱེད།

1 ང་ཚོས་ཇི་ལྟར་ཁྱེད་རང་གི་སྒེར་གྱི་ཆ་འཕྲིན་འཚོལ་བསྡུ་དང་བེད་སྤྱོད་བྱེད།

ང་ཚོས་ཁ་པར་རྩེ་བའི་ལག་རྩལ་ལ་བརྟེན་ནས་ཁྱེད་རང་ལ་གཤམ་གྱི་ལས་སྒོའི་ཞབས་ཞུ་མཁོ་འདོན་བྱེད་པ་དང་། ཁྱེད་རང་གིས་འབྲེལ་ཡོད་ལས་སྒོའི་ཞབས་ཞུ་བེད་སྤྱོད་བྱེད་པའི་བརྒྱུད་རིམ་ཁྲོད། ང་ཚོས་གཤམ་གྱི་ཞབས་ཞུ་འདོན་སྤྲོད་བྱེད་པར་ངེས་པར་དུ་མཁོ་བའི་ཆ་འཕྲིན་ཐག་གཅོད་བྱས་ཏེ་ང་ཚོའི་གན་རྒྱའི་འོས་འགན་ལག་བསྟར་བྱེད་བདེ་ཡོང་བར་བྱེད། གལ་ཏེ་ཁྱེད་ཀྱིས་འབྲེལ་ཡོད་ཆ་འཕྲིན་མཁོ་འདོན་མི་བྱེད་ཚེ། ཁྱེད་ཀྱིས་ཉེར་སྤྱོད་འདིའི་འབྲེལ་ཡོད་ཞབས་ཞུ་བཀོལ་སྤྱོད་བྱེད་པར་ཤུགས་རྐྱེན་ཐེབས་སྲིད།

1.1 ངའི་སྒྲིག་ཆས།

ང་ཚོས་རིག་ལྡན་ལག་རོགས་སྒྲིག་ཆས་ཀྱི་ཆ་འཕྲིན་མཉམ་སྦྲེལ་སྒོས་དོ་དམ་བྱེད་པའི་རྩོལ་ནུས་སྤྱད་ནས་ཁྱེད་ལ་བཟོ་ལྗོངས་ཡོངས་ཀྱི་སྒྲིག་ཆས་ཀྱི་རྩོལ་ནུས་ངོ་སྤྲོད་མཁོ་འདོན་བྱེད་སྲིད། འབྲེལ་ཡོད་ཆ་འཕྲིན་གྱི་འཚོལ་བསྡུ་དང་བེད་སྤྱོད་སྐོར་ལ། རིག་ལྡན་ལག་རོགས་དང་སྒེར་གསང་སྐོར་གྱི་གསལ་བསྒྲགས་ལ་ཟུར་ལྟ་བྱེད་རོགས།

1.2 ཐོ་ཨང་ཐོ་འཇུག

ཁྱེད་ཀྱིས་ཧྭ་ཝེའི་ཐོ་ཨང་ལ་ཐོ་འཇུག་བྱས་རྗེས། ང་ཚོས་ཁྱེད་ཀྱི་གཅེས་མིང་དང་མགོ་པར་ཀློག་འདོན་བྱས་ནས་ཉེར་སྤྱོད་ཁྲོད་མངོན་སྟོན་བྱེད་པར་སྤྱོད་པ་ཡིན།

1.3 རྩོལ་ནུས་ཀྱི་དྲན་སྐུལ།

ཁ་པར་རྩེ་བའི་ལག་རྩལ་རྩོལ་ནུས་དྲན་སྐུལ་ཞབས་ཞུས་ཁྱེད་ལ་རྒྱུད་ཁོངས་དང་སྒྲིག་ཆས་ཀྱི་འབུར་ཐོན་རྩོལ་ནུས་ངོ་སྤྲོད་བརྡ་འཕྲིན་མཉམ་གཏོང་བྱེད། བརྡ་འཕྲིན་བརྡ་ཐོའི་ནུས་པ་ནི་ཧྭ་ཝེའི་མཉམ་གཏོང་SDK ཡིས་ཁྱེད་ལ་མཁོ་འདོན་བྱེད།

གལ་ཏེ་ཁྱེད་ལ་ཞབས་ཞུ་འདི་མི་དགོས་ཚེ། ཁྱེད་རང་ཁ་པར་རྩེ་བའི་ལག་རྩལ་ནས་ངའི་དང་། དེ་ནས་སྒྲིག་བཀོད། དེ་ནས་རྩོལ་ནུས་ཀྱི་དྲན་སྐུལ་དུ་བསྐྱོད་ནས་ཞབས་ཞུ་འདིའི་སྒོ་བརྒྱབ་ཆོག

1.4 ནང་དོན་ཐེར་འདོན་བྱེད་པ།

ཁྱེད་ཀྱིས་ནང་དོན་ཐེར་འདོན་བྱེད་པའི་འཛུལ་སྒོ་བརྒྱུད་ནས་ཐེར་འདོན་བྱ་ཆོག ཁྱེད་ཀྱིས་ཞུ་གཏུག་དང་ཐེར་འདོན་ཞབས་ཞུ་བཀོལ་བའི་བརྒྱུད་རིམ་ཁྲོད། ང་ཚོས་ཁྱེད་ཀྱི་ཧྭ་ཝེའི་ཐོ་ཨང་གི་ཆ་འཕྲིན་དང་སྒྲིག་ཆས་ཀྱི་གསལ་བྱེད་རྟགས། སྒྲིག་ཆས་ཀྱི་བཟོ་རྟགས། བཀོལ་སྤྱོད་རྒྱུད་ཁོངས། རྒྱུད་ཁོངས་ཀྱི་སྒྲིག་འགོད། ཉེར་སྤྱོད་ཀྱི་མིང་། མིག་བཤར་གྱི་ཟིན་ཐོ་དང་ཁྱེད་ཀྱིས་རང་འགུལ་གྱིས་ཡར་བསྐྱལ་བའི་གཞི་གྲངས་ (ཐེར་འདོན་གྱི་ནང་དོན་དང་བདེན་དཔང་རྒྱུ་ཆ། སྦྲག་སྒམ་མམ་ལག་ཁྱེར་ཁ་པར་ཨང་གྲངས།) བཅས་བསྡུ་རུབ་བྱས་ཏེ། ཁྱེད་ཀྱི་ཞུ་གཏུག་དང་ཐེར་འདོན་གྱི་རེ་ཞུ་འབྱོར་ལེན་བྱ་བདེ་བར་བྱེད་སྲིད། གལ་ཏེ་ཁྱེད་ཀྱིས་འབྲེལ་ཡོད་ཀྱི་ཆ་འཕྲིན་མཁོ་འདོན་མ་བྱས་ཚེ། ང་ཚོས་ཕལ་ཆེར་ཞུ་གཏུག་ཞབས་ཞུ་དང་ཐག་གཅོད་མཇུག་འབྲས་ཕྱིར་ལྡོག་ལེགས་འགྲུབ་བྱེད་ཐབས་བྲལ།

2 སྒྲིག་ཆས་ཀྱི་དབང་ཚད་འཐེན་སྤྱོད།

སྨྱན་སྦྱོར་དང་ཡིག་ཆའི་ (ཡང་ན་གསོག་འཇོག) དབང་ཚད་ནི། ཁྱེད་ཀྱིས་བདེན་དཔང་རྒྱུ་ཆ་སྣོན་དགོས་སྐབས། ཁྱེད་ཀྱིས་དབང་ཚད་དེའི་ཁ་ཕྱེ་བ་བདམས་ཏེ། བདེན་དཔང་རྒྱུ་ཆའི་ཁྲོད་དུ་སྒྲིག་ཆས་ཐོག་གི་པར་རིས་དང་བརྙན་ཟློས་སོགས་སྣོན་པར་བཀོལ་ཆོག གལ་ཏེ་ཁྱེད་ལ་འདི་ལྟ་བུའི་ཞབས་ཞུ་མི་དགོས་ན། ག་དུས་ཡིན་ཡང་དབང་ཚད་འདིའི་ཁ་རྒྱག་ཆོག འདིས་ཞབས་ཞུ་གཞན་པའི་བཀོལ་སྤྱོད་ལ་ཤུགས་རྐྱེན་མི་ཐེབས།

ཁྱེད་ཀྱིས་ག་དུས་ཡིན་ཡང་རྒྱུད་ཁོངས་ཀྱི་སྒྲིག་འགོད་ལ་ལྟ་སྤྱོད་བྱས་ཏེ་ཉེར་སྤྱོད་འདིའི་དབང་ཚད་ལ་དོ་དམ་བྱ་ཆོག

3 ལོ་ན་མ་སོན་པའི་སྐྱེ་བོའི་སྲུང་སྐྱོབ།

ང་ཚོས་སྐྱེ་བོ་ལོ་ན་མ་སོན་པའི་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་བྱ་རྒྱུར་མཐོང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། ཧྭ་ཝེ་ཡིས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་བླང་བྱ་ནན་པོ་གཞིར་བཟུང་སྐྱེ་བོ་ལོ་ན་མ་སོན་པས་ཞབས་ཞུ་སྤྱོད་སྐབས་དེ་མཚུངས་ཀྱི་སྲུང་སྐྱོང་མཁོ་འདོན་བྱ་རྒྱུ་ཡིན། གལ་ཏེ་ཁྱེད་ནི་ལོ་ན་མ་སོན་པའི་མི་ཡིན་ན། ཁྱེད་ཀྱི་ཕ་མའམ་ལྟ་སྐྱོང་བྱེད་མི་གཞན་གྱིས་ཁྱེད་ཀྱིས་ཉེར་སྤྱོད་འདི་བཀོལ་སྤྱོད་བྱེད་པར་མོས་མཐུན་དང་འབྲེལ་ཡོད་ཉེར་སྤྱོད་ཀྱི་ཞབས་ཞུའི་དོན་ཚན་ལ་མོས་མཐུན་བྱེད་དགོས། ཕ་མའམ་ལྟ་སྐྱོང་བྱེད་མིས་ཀྱང་འོས་ཤིང་འཚམ་པའི་སྔོན་འགོག་བྱ་ཐབས་སྤྱད་ནས་ལོ་ན་མ་སོན་པར་སྲུང་སྐྱོབ་བྱ་དགོས་ཏེ། དེའི་ནང་དུ་ཁོ་ཚོས་ཉེར་སྤྱོད་འདི་བེད་སྤྱོད་བྱ་བར་ལྟ་སྐུལ་བྱ་རྒྱུ་ཚུད་ཡོད།

ལྷག་པར་དུ། གལ་ཏེ་ཁྱེད་ནི་བྱིས་པ་(ལོ་བཅུ་བཞི་ལ་མ་སོན་པའི་ལོ་ན་མ་སོན་པའི་སྐྱེ་བོ།)ཡིན་ན། ཁྱེད་རང་གིས་ང་ཚོའི་ཞབས་ཞུ་བེད་སྤྱོད་མ་བྱས་གོང་། ངེས་པར་དུ་ཁྱེད་རང་གི་ཕ་མའམ་ཡང་ན་ལྟ་སྐྱོང་བྱེད་མི་གཞན་དག་དང་མཉམ་དུ་ནན་ཏན་གྱི་སྒོ་ནས་གསལ་བསྒྲགས་འདི་དང་དེ་བཞིན་ང་ཚོས་ཆེད་དུ་གཏན་འབེབས་བྱས་པའི་ཧྭ་ཝེའི་འཛད་སྤྱོད་པའི་ལས་སྒོ་དང་བྱིས་པའི་སྒེར་གསང་སྲུང་སྐྱོང་གསལ་བསྒྲགས་(https://consumer.huawei.com/minisite/legal/childprivacy/statement.htm?code=CN&language=bo-CN)ལྟ་ཀློག་བྱེད་རྒྱུའི་བརྡ་ཐོ་གཏོང་དགོས། དེར་མ་ཟད་ཁྱེད་རང་གི་ཕ་མའམ་ཡང་ན་ལྟ་སྐྱོང་བྱེད་མིས་མོས་མཐུན་དང་མཛུབ་སྟོན་བྱས་རྗེས། ང་ཚོའི་ཞབས་ཞུ་བེད་སྤྱོད་པའམ་ཡང་ན་ང་ཚོར་ཆ་འཕྲིན་མཁོ་འདོན་བྱེད་ཆོག གལ་ཏེ་ཁྱེད་ནི་བྱིས་པའི་ཕ་མ་དང་ལྟ་སྐྱོང་བྱེད་མི་གཞན་དག་ཡིན་ན། ཁྱེད་ཀྱིས་ལྟ་སྐྱོང་བྱེད་པའི་བྱིས་པས་ཁྱེད་ཀྱི་མོས་མཐུན་དང་མཛུབ་སྟོན་འོག་ང་ཚོའི་ཞབས་ཞུ་སྤྱོད་པ་དང་ང་ཚོར་ཆ་འཕྲིན་འདོན་སྤྲོད་བྱེད་པར་ཁག་ཐེག་གནང་རོགས།

4 ཕྱོགས་གསུམ་པའི་ SDK

ཁྱེད་ལ་ཞབས་ཞུ་ཁག་ཅིག་སྟེ། དཔེར་ན་ཁ་པར་རྩེ་བའི་ལག་རྩལ་རྩོལ་ནུས་ཀྱི་དྲན་སྐུལ་སོགས་མཁོ་འདོན་བྱ་ཆེད། ང་ཚོས་མཉམ་ལས་རོགས་ཟླའི་མཉེན་ཆས་ལག་ཆའི་གསར་སྤེལ་ཁུག་མ་ (བསྡུས་མིང་ལ་ SDK ཟེར།) དང་ཡང་ན་དེ་དང་རིགས་འདྲའི་ཉེར་སྤྱོད་བྱ་རིམ་གཞན་པ་གཅིག་ཏུ་བསྡུས་ཡོད། ཞིབ་ཕྲའི་གནས་ཚུལ་དེ་ལས་མང་བར་ཕྱོགས་གསུམ་པའི་ SDK རེའུ་མིག་(https://privacy.consumer.huawei.com/legal/tips/privacy-statement.htm?code=CN&language=bo-CN&branchid=1&contenttag=3rdsdk&version=20220925)ལ་གཟིགས་རོགས།

5 ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་ལ་དོ་དམ་བྱེད་པ།

གལ་ཏེ་ཁྱེད་ཀྱིས་ཞབས་ཞུ་འདིས་ཁྱེད་ཀྱི་གཞི་གྲངས་འཚོལ་སྡུད་བྱེད་མཚམས་འཇོག་དགོས་ན། ཁ་པར་རྩེ་བའི་ལག་རྩལ་ནས་ངའི། དེ་ནས་སྒྲིག་འགོད་ལ་ཕེབས་ནས། ཞབས་ཞུ་མཚམས་འཇོག་པ་ལ་རྡེབ་ཆོག

གལ་ཏེ་ཁྱེད་ཀྱིས་ཁྱེད་རང་གི་གཞི་གྲངས་གྲུབ་ཆ་གཙོ་བོའི་ཁེ་དབང་ལ་སྔར་ལས་ལྷག་པའི་རེ་བ་ཡོད་པའམ། ཡང་ན་དོགས་གནད་དང་བསམ་འཆར། ཡང་ན་གྲོས་གཞི་གང་རུང་ཞིག་ཡོད་ཚེ། གསལ་བསྒྲགས་འདིའི་ནང་གི་ང་ཚོར་འབྲེལ་གཏུག་ཇི་ལྟར་བྱེད་ཅེས་པའི་ས་བཅད་དུ་བཀོད་པའི་བྱེད་ཐབས་བརྒྱུད་དེ། ང་ཚོར་འབྲེལ་གཏུག་བྱེད་པ་མ་ཟད་ཁྱེད་ཀྱི་འབྲེལ་ཡོད་ཁེ་དབང་ལག་བསྟར་བྱ་ཆོག

6 ཆ་འཕྲིན་གསོག་གི་ས་གནས་དང་དུས་བཅད།

གོང་བརྗོད་ཀྱི་ཆ་འཕྲིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་ནང་གི་ཞབས་ཞུ་ཆས་སུ་བརྒྱུད་གཏོང་བྱས་ཏེ་ཉར་ཚགས་བྱ་སྲིད།

ང་ཚོས་གསལ་བསྒྲགས་འདིར་བརྗོད་པའི་དམིགས་ཡུལ་མངོན་འགྱུར་ཡོང་བར་དགོས་ངེས་ཀྱི་དུས་ཚོད་ནང་ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་ཉར་འཇོག་བྱེད་པ་མ་ཟད། གཤམ་དུ་བརྗོད་པའི་ཉར་འཇོག་དུས་ཚོད་ལས་བརྒལ་རྗེས་ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་གསུབ་པའམ་མིང་མི་འགོད་པའི་ཐོག་ནས་ཐག་གཅོད་བྱ་སྲིད། བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་བླང་བྱ་གཞན་ཡོད་པ་ཕུད།

རྩོལ་ནུས་ཀྱི་དྲན་སྐུལ་ཞབས་ཞུར་སྤྱད་དེ་བསྡུ་རུབ་བྱས་པའི་ཆ་འཕྲིན་ནི་ཉིན་ 7 རྗེས་སུ་གསུབ་སྲིད། ནང་དོན་ཐེར་འདོན་ཞབས་ཞུ་གཞིར་བཟུང་ནས་བསྡུ་རུབ་བྱས་པའི་ཆ་འཕྲིན་ལོ་གཉིས་ལ་ཉར་ཚགས་བྱེད་པའམ་ཧྭ་ཝེའི་ཐོ་ཨང་གི་རྩིས་ཐོ་བསུབས་རྗེས་གསུབ་སྲིད།

དེ་མིན། ང་ཚོའི་ཐོན་རྫས་སམ་ཞབས་ཞུ་ལ་འཁོར་གཉེར་བྱེད་མཚམས་འཇོག་པའི་གནས་ཚུལ་བྱུང་དུས། ང་ཚོས་བརྡ་ཐོ་མཉམ་གཏོང་དང་སྤྱི་བསྒྲགས་སོགས་ཀྱི་རྣམ་པས་ཁྱེད་ལ་བརྡ་ཐོ་གཏོང་བ་དང་། དེར་མ་ཟད་ལུགས་མཐུན་གྱི་དུས་བཀག་ནང་ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་བསུབ་པའམ་ཡང་ན་མིང་སྦས་ནས་ཐག་གཅོད་བྱ་སྲིད།

7 ང་ཚོ་དང་ཇི་ལྟར་འབྲེལ་བ་བྱེད་དམ།

ང་ཚོས་མི་སྒེར་གྱི་ཆ་འཕྲིན་ལ་སྲུང་སྐྱོབ་བྱེད་པའི་ཆེད་ལས་སྡེ་ཁག་དང་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོབ་བྱེད་པའི་འགན་འཁུར་པ་བསྐོ་འཇོག་བྱས་ཡོད། ཁྱེད་ཀྱིས་སྒེར་གསང་གནད་དོན་(https://consumer.huawei.com/cn/legal/privacy-questions/)གྱི་དྲ་ངོས་ལ་ལྟ་སྤྱོད་བྱེད་པ་བརྒྱུད་ནས་ང་ཚོ་ལ་འབྲེལ་བ་བྱེད་ཆོག ང་ཚོས་གང་མགྱོགས་ཀྱིས་ལན་བསློག་ངེས་ཡིན།

གལ་ཏེ་ཁྱེད་ཀྱིས་ང་ཚོ་ནས་ལན་བསློགས་པ་དེ་བློ་ལ་མ་བབ་ན། ལྷག་པར་དུ་ང་ཚོའི་སྒེར་གྱི་ཆ་འཕྲིན་ཐག་གཅོད་པའི་བྱ་སྤྱོད་ཀྱིས་ཁྱེད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཏང་བ་ཡིན་ཚེ། ཁྱེད་ཀྱིས་དོ་དམ་དབང་ཆ་ཡོད་པའི་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་རྒྱག་པ། ལས་རིགས་རང་བདག་མཐུན་ཚོགས་སམ་སྲིད་གཞུང་གི་འབྲེལ་ཡོད་དོ་དམ་ལས་ཁུངས་ལ་ཞུ་གཏུག་རྒྱག་པ་སོགས་ཀྱི་ཕྱི་རོལ་ཐབས་ལམ་བརྒྱུད་ནས་ཐག་གཅོད་བྱེད་ཆོག ཁྱེད་ཀྱིས་ཀྱང་ང་ཚོའི་ཕྱོགས་ནས་སྤྱད་འཐུས་ཀྱི་འབྲེལ་ཡོད་ཞུ་གཏུག་ཐབས་ལམ་གྱི་ཆ་འཕྲིན་ལ་རྒྱུས་ལོན་བྱ་ཆོག

ཧྭ་ཝེ་ཡིས་ཐོག་མཐའ་བར་གསུམ་དུ་ང་ཚོའི་སྒེར་གསང་སྲིད་ཇུས་ལ་བརྩི་སྲུང་བྱས་ནས་ཁྱེད་ཀྱི་ཆ་འཕྲིན་བསྡུ་རུབ་དང་བེད་སྤྱོད་བྱེད། ང་ཚོའི་སྒེར་གསང་སྲིད་ཇུས་སྐོར། ཧྭ་ཝེའི་འཛད་སྤྱོད་པའི་ལས་སྒོའི་སྒེར་གསང་གསལ་བསྒྲགས་(https://consumer.huawei.com/minisite/legal/privacy/statement.htm?code=CN&language=bo-cn)ལ་ཟུར་དཔྱད་བྱ་ཆོག

དེ་ལས་མང་བར་བལྟ་བ།